Saturday, 2 July 2016

སྐུའི་འཁྲུངས་སྐར། ༨༢




༧གོས་ས་སྐྱབས་མགོན་ཆེན་པོ།


༧གོང་ས་མཆོག་གི་འཁྲུངས་སྐར་ལ་མཚམས་འདྲི།
Wish you happy birthday our holiness the great 14th dalia lama.

༄༅། །སྤྱིར་སྐྱེ་འགྲོ་ཡོངས་དང་སྒོས་སུ་རང་ཅག་ཁ་བ་གང་ཅན་པའི་འགྲོ་བ་རྣམས་ཀྱི་ལྟ་བའི་མིག་དང་། ཁོག་པའི་སྙིང་། ཉིན་ན་ཉི་མ་དང་མཚན་ན་ཟླ་བ་ལྟ་བུའི་འདི་ཕྱིའི་སྐྱབས་གནས།  འགྲོ་བ་ཀུན་གྱི་བདེ་སྐྱིད་ཀྱི་རྩ་བ། བརྗོད་པར་དཀའ་བའི་ཡོན་ཏན་གྱི་ཕྱུག་པའི་སྟོན་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧གོང་ས་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་ནི་ངེས་པ་དོན་ལ་ཐོག་མ་མེད་པ་ནས་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་གྱུར་ཟིན་ཀྱང་།  སྔོན་གྱི་ལས་དང་སྨོན་ལམ་གྱིས་ཐུགས་རྗེ་ལས་སྤྱིར་འཛམ་གླིང་འགྲོ་བ་ཡོངས་དང་། སྒོས་སུ་རང་ཅག་ཁ་བ་རི་པའི་འགྲོ་བ་རྣམས་བསྐྱབས་པའི་སླད་དུ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྐུ་སྐྱེར་བཞེས་ནས་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་དྲིན་གྱིས་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་གྱིས་དྲིན་ལན་ནི་སྟོང་གསུམ་རིན་ཆེན་བདུན་གྱི་བཀང་སྟེ་ཕུལ་ཕུལ་ཡང་ཆ་ཙམ་ཡང་གཞལ་དུ་ག་ལ་མཆིས།   དེ་རིང་སྟེ་༢༠༡༧་ཟླ་བ་༦་ཚེས་༦་ཉིན་ནི་རྒྱལ་དབང་གཞན་ལས་ཀྱང་མཛད་པ་དང་འཕྲིན་ལས་རྨད་དུ་བྱུང་བའི་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་ཉི་མ་ཞིག་རེད། དེ་དང་སྟབས་བསྟུན་ནས་རང་ཁོངས་དགའ་ཤར་ལྷོ་པ་འདུས་མང་ཡོངས་ནས་རྟེན་འབྲེལ་མཚོན་བྱེད་དུ། རྩ་བའི་བླ་མའི་མཉེས་པར་བྱེད་པའི་མཆོག་ནི་བཀའ་བཞིན་སྒྲུབ་པས་མཆོད་པའི་མཉེས་པར་བྱེད་པ་ཡིན་ན། རང་ཅག་རྣམས་ནས་ཀྱང་རྒྱལ་དབང་མཆོག་གི་དགོངས་བཞེད་ལྟར། རང་སེམས་ས་གཞིར་ཀུན་སློང་གི་དྲི་བཟང་བྱུག་པས་ཆགས་སྡང་རྨོངས་གསུམ་གྱི་རྡུལ་ཕྲན་རྣམས་བྱི་དོར་རེ་བྱས།
སེམས་བཟང་གི་དམ་བཅའ་བརྟན་པོའི་རི་རབ་རེ་བཙུགས། གཞན་ཕན་ལྷག་བསམ་གྱི་ཚོམ་བུ་བཀོད་པའི་རིན་ཆེན་གྱི་མནྜལ་བཟང་པོ་རེ་ལག་གི་སྙིམས་པར་བཟུང་། ཡིད་ལ་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་དྲིན་རྣམས་ཝ་ལེར་འཆར་བཞིན། དེང་ནས་བྱང་ཆུབ་བར་དུ་ཉིན་རེ་བཞིན་དུ་ཉམས་སུ་ལེན་འདོད་ཀྱིས་སེམས་ཀྱི་འཁྱེར་བཟོས་རྒྱན་པའི་འཁུར་ར་འཁྱེར་ནས། དགའ་དད་སྤྲོ་གསུམ་གྱི་སྐུའི་འཁྲུངས་སྐར་ལ་སྲུང་རྩི་ཞུ་ཞུ་ཞུ།

སླད་དུ་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་ནས་གྲུ་འཛིན་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད་དེ་གཞིས་བྱེས་མཉམ་འཛོམས་ཐོག་ཟབ་གསང་བདུད་རྩིའི་ཆོས་ལ་ཅི་གར་ལོངས་སྤྱོད་ཡོང་བའི་བཀྲིས་སྨོན་འདུན་དང་བཅས།
བུ་རམ་ཤིང་བུའི་ལུང་དང་རྟོགས་པའི་བསྟན།
འཛིན་སྐྱོང་སྤེལ་མཁས་ཟླ་བྲལ་བཤེས་གཉེན་ཆེ།
འཁོར་རྒྱ་ཆེ་བའི་མཚོ་ལས་ཉམས་ཐག་འགྲོ།
སྒྲོལ་བའི་དེད་དཔོན་ཕྱག་ན་པད་མོར་འདུད།

  བཅས་དགའ་ཤར་ལྷོ་པ་ཁང་ཚན་གྱི་འདུས་མང་ཡོངས་ནས།བོད་རྒྱལ་ལོ་༢༡༤༤་བོད་ཟླ་༥་ཚེས་ ༡༣ ཕྱི་ལོ་༢༠༡༧་ཟླ་བ་༧་ཚེས་༦་ཉིན་བཟང་པོ་སྒོ་གསུམ་གུས་པ་དང་བཅས་ཕུལ་ལོ།།



1 comment: