༄༅།
།དེ་རིང་འདིར་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད།
འཇིག་རྟེན་ཞི་བདེའི་དེད་དཔོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དུས་དྲན་དགའ་སྟོན་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་ཕྱེད་དད་པས་སྒོ་གསུམ་ལྷ་ཕྱག་གྲངས་མེད་སྔོན་དུ་སོང་ནས།
དེ་རིང་དཔལ་ལྡན་ལྷོ་པ་ཁང་ཚན་གྱི་འདུས་མང་ཡོངས་ནས་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
དེ་རིང་ནི་རང་ཅག་ཁ་བ་རི་པའི་སྐྱེ་འགྲོ་རྣམས་སྨོས་ཅི།
འཛམ་གླིང་ནང་མང་གཙོ་དང་རང་དབང་ཞི་བདེར་དགའ་བའི་སྐྱེས་བུ་ཡོངས་ནས་དགའ་སྐྱིད་འོས་པའི་ཉིན་མོ་གལ་ཆེ་ཞིག་ཡིན་ཞིང་།
དེ་ཡང་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ ཆེན་པོ་མཆོག་ཕྱི་ལོ་
༢༠༠༧ ལོར་འཇིག་རྟེན་འདི་ན་གྲགས་ཆེ་བའི་ཨ་རི་གསེར་གྱི་གཟེངས་རྟགས་ཞེས་ཡོངས་སུ་གྲགས་པ་དེ་བཞིན་འབུལ་བཞེས་བསྐྱངས་ཏེ་ལོ་
༩ འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་སོང་མགོན་པོ་གང་གི་གསང་གསུམ་མཛད་འཕྲིན་བསམ་
གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་གུས་བཀུར་ཆེ་བསྟོད་དང་།
བཀའ་དྲིན་རྗེས་དྲན་ཞུ།
༧མགོན་པོ་གང་ཉིད་ཀྱི་སྤྱིར་སྐྱེ་འགྲོ་ཡོངས་དང་ཁྱད་པར་བོད་གངས་ཅན་པ་དང་ཧི་མ་ལའི་བོད་རིགས་གཅིག་པའི་སྤུན་ཟླ་རྣམས་ལ་གནང་བའི་རླབས་ཆེན་གྱི་བྱ་སྤྱོད་དེ་དག་ནི་ང་ཚོའི་ཚེ་རབས་ནས་ཚེ་རབས་ཀྱི་བར་བརྗེད་པ་ག་ལ་སྲིད།
ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
དགའ་ལྡན་ཤར་རྩེ་དཔལ་ལྡན་ལྷོ་པ་ཁང་ཚན་ནས། ༢༠༡༦ཟླ་ ༡༠ ཚེས་ ༡༧ ལ།།
No comments:
Post a Comment